༸རྒྱལ་དབང་བཅུ་གསུམ་པས་༸སྐྱབས་རྗེ་ཕ་བོང་ཁར་དོལ་རྒྱལ་དང་འབྲེལ་བའི་བཀའ་ནན།

http://shugdenfacts.com/gadenjangtsemonastery/(རྣམ་ཐར་མདུན་ཤོག་༩༦༩ ཡིག་ཕྲེང་གཉིས་པ་)བྲིས་ཐང་ཕྱི་མ་ལྗགས་བཀོད་གནང་བའི་དུས་སུ་ནི། (ྋགོང་ནས་ཞེས་པ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ལ་བརྗོད་ཀྱི་ཡོད།) བཀའ་ནན་སྣ་ཚོགས་ཕབ་པའི་སྐབས་ཡིན་ཕྱིར་ཚོགས་ཞིང་གི་བྲིས་ཐང་ཡང་ཕལ་ཆེར་སྤོམ་མདའི་དད་རྟེན་གྱི་བླ་མཆོད་ཚོགས་ཞིང་བར་མ་ལྟར་རྟ་མགྲིན་དེ་སོར་བཞག་མཛད་པ་ཡིན་ཚུལ་ཆབ་མདོ་དྲུང་ཡིག་ཉིད་ཀྱིས་ཀྱང་ཁོ་བོ་ཅག་ལ་སྔ་ཕྱིར་ལན་དུ་མར་གསུང་བ་བྱུང་ངོ༌།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་མཆོག

ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ་མཆོག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡ ཆེས་ ༡༤ ཉིན་འབྲས་སྤངས་སུ་སྩལ་བའི་བཀའ་སློབ་ལས་ཟུར་འདོན།
གོང་གསལ་རྣམ་ཐར་གྱི་ཚིག་རྣམས་ལ་བསམ་བློ་གཏོང་རྒྱུ་ཞིག་ཡོད་པ་ཡིན། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་སྐུ་ན་གཞོན་པའི་སྐབས་སུ་གསང་བ་རྒྱ་ཅན་གསན་འདུག་ལ། ཕལ་ཆེར་རིས་མེད་གནང་སྟེ་རིས་མེད་ཀྱི་དགོངས་པ་ཞིག་ཡོད་འདུག ཆུ་བཟང་རི་ཁྲོད་དུ་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་གནང་ནས་བཅུ་ཆའི་སྦྱིན་བསྲེག་ཕུལ་བའི་སྐབས་རིལ་བུ་དམར་པོ་བསྒྲིལ་ནས་སྐམ་པ་དེ་སྐབས་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཆུ་བཟང་དུ་བཞུགས་ཡོད་ལ། དགུང་ལོ་ཡང་གཞོན་གཞོན་ཡིན་པས་སྐུ་རྩེད་གནང་སྟེ་ཕར་རྒྱུགས་ཚུར་རྒྱུགས་གནང་སྐབས། ༸སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་རིལ་བུ་དམར་པོ་མང་པོ་བསྒྲིལ་གནང་སོང་ཞིང༌། དེ་ནི་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་གནང་ནས་དེའི་སྦྱིན་བསྲེག་གི་ཁྱད་རྫས་རེད་ཅེས་ཟེར་གྱི་འདུག་ཅེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ང་ལ་གསུངས་མྱོང༌། དེས་ན་སྐུ་ཚེ་སྟོད་ལ་རྟ་མགྲིན་ཡང་གསང་གི་ལྗགས་བསྙེན་གནང་གི་ཡོད་ལ། གསང་བ་རྒྱ་ཅན་ཡང་གསན་ཡོད། དེ་འདྲ་གནང་མཁན་ཞིག་ཕྱིས་སུ་བླ་མཆོད་ཚོགས་ཞིང་ནང་རྟ་མགྲིན་ཡང་གསང་བཀོད་ན་འགྲིགས་ཀྱི་མི་འདུག རྟ་མགྲིན་ཡང་གསང་རྙིང་མའི་ལྷ་རེད་ཅེས་གསུངས་ཏེ་གང་འཚམས་ཕྱོགས་ཞེན་གྱི་ཐོག་ཏུ་ཕེབས་ཡོད། དེ་གང་གིས་བྱས་པ་རེད་ཅེ་ན། རིན་པོ་ཆེ་རང་ཉིད་ཀྱི་དགོངས་པ་ཞིག་ཕལ་ཆེར་མ་རེད། རྒྱལ་པོ་ཤུགས་ལྡན་བསྟེན་གནང་བའི་ཤུགས་རྐྱེན་ཐེབས་ནས་བྱུང་བ་ཞིག་ཕལ་ཆེར་གསལ་པོ་རེད།

    ནམ་རྒྱུན་རྣམ་ཐར་ནང་ཤུགས་ལྡན་གྱི་ཆོ་འཕྲུལ་ཡོང་བའི་སྐབས་གཅིག་ནི། རིན་པོ་ཆེ་མཆོག་ནས་རྙིང་མའི་རིན་ཆེན་གཏེར་མཛོད་ཀྱི་ཁུངས་བརྩི་ས་འདོད་འཇོའི་བུམ་བཟང་གསན་གྲབས་གནང་བའི་སྐབས་སུ་ཆོ་འཕྲུལ་དུ་ལག་པ་དམར་པོ་ཞིག་བསྟན་ནས། བཞུགས་སྒྲོམ་ཡང་ཁ་བསྒྱུར་བ་སོགས་ཀྱི་ལོ་རྒྱུས་ཐོན་ཡོང་གི་འདུག འདི་ལྟ་བུའི་ཐོག་ནས་རྒྱལ་པོ་ཤུགས་ལྡན་གྱི་ཆོ་འཕྲུལ་གྱིས་རྐྱེན་པས་དེ་ནས་བཟུང་རིན་པོ་ཆེ་རྙིང་མ་ལ་མཐོང་སྣང་མི་མཉེས་པ་བྱུང་བ་ཞིག་ཕལ་ཆེར་ཡིན་འདུག རིན་པོ་ཆེའི་བཀའ་མོལ་གནང་ཕྱོགས་དང་གསུང་ཕྱོགས་ཀྱི་རྐྱེན་བྱས་ནས་རིན་པོ་ཆེ་མཆོག་གིས་སོར་གང་ཙམ་གསུངས་ཡོད་ན། སློབ་མ་རྣམས་ཀྱིས་དེ་ལ་མཐོ་གང་ཙམ་སྤར་བ་སོགས་འདི་ལྟར་བྱས་ནས་མགོ་ལོག་བཙལ་ཡོད། དེས་ན་གོང་དུ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ཨ་ལགས་འཇིགས་མེད་དམ་ཆོས་ཀྱི་རྣམ་ཐར་ནང་བཀོད་པ་དེ་ཏག་ཏག་ར་འཕྲོད་པ་བྱུང་ཡོད། དེས་ན་ངས་ཆོས་ལུགས་རིས་མེད་སྤེལ་བའམ་ཆོས་ལུགས་རིས་མེད་ཀྱི་དར་སོ་བྱེད་པ་ལ་རྒྱལ་པོ་ཤུགས་ལྡན་བསྟེན་པ་དེས་འགལ་རྐྱེན་བྱེད་ཀྱི་འདུག་ཅེས་ནམ་རྒྱུན་ངས་དོན་ཚན་གཅིག་འདི་ཤོད་དགོས་དོན་དེ་ལྟར་ཡིན།

ཡང་གཤམ་གྱི་ཤོག་གྲངས་ ༤༦༧ མདུན་ཤོག་ཡིག་ཕྲེང་དང་པོར།

ལོ་སྔ་མར་ྋགོང་ནས་བཀའ་བབ་བྱོན་པར་བརྟེན་ཆོས་འཁོར་རྒྱ་ཆེ་བའི་རིགས་དང༌། དགེ་ཚུལ་སློང་གི་སྡོམ་པ་སོགས་ཁྱབ་གདལ་གནང་སྟབས་མ་བདེ་བར་མཐའ་དབུས་ཀྱི་དད་མཇལ་ཞུ་མིའི་རིགས་མཐའ་ཡས་པ་ཞིག་ལ་འདོད་ཆོས་ཕྲན་ཚེགས་ཀྱི་རིགས་དང་དགེ་བསྙེན་གྱི་སྡོམ་པ་སོགས་མང་དུ་སྩལ་བཞིན་པའི་སྐབས།

༼གོང་གི་༸རྒྱལ་བའི་བཀའ་སློབ་མུ་མཐུད། ༼ཁ་སང་བརྗོད་པ་ལྟར། སྐུ་གོང་མས་གཟིམ་ཆུང་མཇལ་ཁ་ཞིག་གནང་སྐབས། ལམ་རིམ་འཆད་འཁྲིད་བྱེད་རོགས་ཟེར་མཁན་མང་པོ་འདུག་པས་ལམ་རིམ་གྱི་བཤད་འཁྲིད་ཅིག་བྱེད་དགོས་མིན་ནམ་དགོངས་ནས་ཡོད་ཅེས་ཞུ་བ་གནང་སྐབས། གནས་སྐབས་གཡུགས་བཞག་ན་ཞེས་སྐུ་གོང་མས་དངོས་སུ་གསུངས་པ་ཞིག་བཤད་ཟུར་གྱིས་ང་ལ་བརྗོད་མྱོང༌། དེ་ནི་འདི་ནང་ཡོད་པ་འདི་ཉིད་ཡིན།

   དེ་ཡང་འགོ་སྟོད་སྐུ་གོང་མས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་དམིགས་བསལ་གྱི་ཆ་འཇོག་དང་གཟིགས་བཟོས་གནང་སྟེ། ཁ་སང་ཞུས་པ་བཞིན་ཁྲི་རིན་པོ་ཆེས་གནང་རྒྱུའི་གསུང་ཆོས་དེའི་ཚབ་ཕ་བོང་ཁ་རིན་པོ་ཆེར་གནང་ཤོག་ཅེས་གསུངས་པའི་ཐུགས་གདེང་ཆེན་པོ་གནང་སའི་བླ་མ་ཞིག ཕྱིས་སུ་བཀའ་ཆོས་དེ་ཙམ་མ་གནང་ཞེས་གསུངས་དགོས་པའི་རྐྱེན་གཅིག་ནི་རྒྱལ་པོ་ཤུགས་ལྡན་གྱི་ཐོག་ནས་ཡོང་གི་ཡོད།༽

ཉིན་གཅིག་སླར་ཡང་ནོར་གླིང་ནས་ཆིབས་གཡོག་འབྱོར་གདོང་སྐུ་བཅར་མགྲོན་ཆེའི་བཀས་སྐུ་ཞབས་ཉིད་སང་གི་ཉི་མ་རྩེ་ཤར་ནས་དུས་འགྱངས་མི་ཆོག་པར་ནོར་གླིང་གི་འགག་ཏུ་ཕེབས་བཅར་ཐུབ་པ་དགོས་ཚུལ་སོགས་ལོ་སྔ་མ་བཞིན་སྩལ་བར་རྗེ་བླ་མ་མཆོག་སང་ཉིན་ནོར་གླིང་དུ་བྱོན་སྐབས། གཟིམ་ཆུང་འགག་ནས་མགྲོན་གཉེར་ཆེན་མོས་ྋགོང་ནས་ཕེབས་པ་རྣམས་བཀའ་བསྒྱུར་ཚ་ལྗིད་དང་ལྡན་པར་སྩལ་ཞིང༌།

༼ཞེས་མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས་ཞུ་བ་ཞིག་ཡོད། ཁོང་གི་འདྲ་པར་ངས་མཐོང་མྱོང་ཡོད། སྤོ་བོ་ལགས་ཨ་ར་དཀར་པོ་ཞིག་ཡོད་པས། ཆེན་མོ་ཨ་ར་དཀར་པོ་ཞེས་ཞུ་བ་རེད། ཁོང་ལ་སྐུ་གོང་མ་ཧ་ཅང་མཉེས་པོ་ཡོད། ཁོང་གཤེགས་ཁར་ཡང་ཉལ་ཁྲིའི་ཐོག་བཀྱག་ནས་སྐུ་གོང་མས་མཇལ་ཁ་གནང་བ་དང༌། དམིགས་བསལ་གྱི་བྱམས་སྐྱོང་སོགས་གནང་ཡོད། ཁོང་ལ་སྐུ་གོང་མའི་རྒྱབ་རྩ་ཡོད་ཅིང༌ །དེས་རྐྱེན་པས་མགྲོན་གཉེར་ཆེན་མོ་ཁོང་རང་གཟི་བརྗིད་དང་དབང་ཐང་ཆེན་པོ་ཡོད་པ་རེད། སྐབས་དེར་ལྷ་སར་ཕྲུ་གུ་ཆུང་ཆུང་ངུས་ནས་ཕ་མའི་ཁ་ལ་མ་ཉན་པའི་སྐབས། མགྲོན་གཉེར་ཆེན་མོ་ཕེབས་ཀྱི་འདུག་ཅེས་བརྗོད་སྐབས་ཕྲུ་གུའི་ངུ་མཚམས་ཀྱང་བཞག་གི་ཡོད་པའི་བརྗོད་སྲོལ་ཡོད། དེས་ན་ཁོང་དབང་ཐང་ཧ་ཅང་ཆེན་པོ་ཡོད་པ་རེད། དེ་འཕྲོས་སུ་དེར་ཇི་སྩལ་མཐའ་དག་ལ་ཞུ་ཤོག་ཏུ་ཆ་ཚང་འཁོད་འདུག་པས་ཉིས་ལྡབ་མ་དགོས་པས་བཞག༽ ༼འདི་བར་གོང་གི་བཀའ་སློབ་ལས་བཏུས།༽

བཀའ་བསྒྱུར་རྣམས་ཟིན་ནས་བཀྲས་ཆོས་སུ་ཡར་བྱོན་ཏེ་རིང་མིན་ལན་གྱི་ཞུ་ཤོག་འབྲི་བཞེངས་ཐོག ནོར་གླིང་དུ་ཕེབས་བཅར་གྱིས་འབུལ་གནང་མཛད་པའི་ཞུ་ཤོག་ནི། གུས་འབངས་ཕ་བོང་ཁའི་སྐྱེ་མིང་པ་ནས་ཞུ་བ། རྩེ་མཁན་མགྲོན་ཆེན་མོ་བརྒྱུད་བཀའ་སྤྱི་ཕེབས་དགོངས་དོན། ༼ཞེས་སོགས་ཀྱི་རྗེས་༽

   དེ་ལ་སླར་ཡང་བཀྲས་ཆོས་སུ་ཆིབས་གཡོག་ཆེད་སྩལ་གྱིས་རྗེ་འདི་པ་ནོར་གླིང་དུ་བཀའ་འགུགས་དང་འབྲེལ་བར་མགྲོན་ཆེ་བརྒྱུད་དེ་བཀའ་བསྒྱུར་སྩལ་བའི་དྲི་བ་དང་ཞུ་ལན་ཡང་ལན་བཅས་སྔར་བཞིན་ལན་འགའ་བྱུང་བ་ལས། ༼དེ་རྗེས་ལྷོ་རྒྱུད་ལམ་རིམ་དང༌། བདེ་མཆོག་དྲིལ་བུ་ལུས་དཀྱིལ་སོགས་ཀྱི་སྐོར་གསུངས་པ་ཞིག་ཡིན་འདུག༽

དོལ་རྒྱལ་གྱིས་རྐྱེན་༸སྐྱབས་རྗེ་ཕ་བོང་ཁར་༸གོང་ས་སྐུ་ཕྲེང་བཅུ་གསུམ་བའི་བཀའ་ཆད་ཕོག་པ།

དོལ་རྒྱལ་གྱིས་རྐྱེན་༸སྐྱབས་རྗེ་ཕ་བོང་ཁར་༸གོང་ས་སྐུ་ཕྲེང་བཅུ་གསུམ་བའི་བཀའ་ཆད་ཕོག་པ།

ཡང་གཤམ་གྱི་ཤོག་གྲངས་ ༤༧༡ མདུན་ཤོག་ཡིག་ཕྲེང་གཉིས་པར།

   ཡང་དེའི་རྗེས་དེ་མ་ཐག་བྱུང་བ་ནི། གུས་འབངས་ཕ་བོང་ཁའི་སྐྱེ་མིང་པ་ནས་ཞུ་བ། རྩེ་མཁན་མགྲོན་ཆེན་མོ་བརྒྱུད་བཀའ་སྤྱི་ཕེབས་དགོངས་དོན། སྔ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཞུ་ཤོག་ཕུལ་སོན་བཞིན། དེར་གསལ་རེ་རེ་བཞིན་ཚིག་གི་བརྡ་སྤྲོད་བཀའ་དྲིན་ཆེ་བས་གུས་འབངས་རང་ནོངས་པ་ཁོ་ན་ལས། ཞུ་འོས་ཆ་ཙམ་མ་མཆིས་པས་ཕྱིན་ཆད་བཀའ་དོན་ནམ་ཡང་ལྷོད་མེད་སྙིང་དབུས་སུ་བཅངས་ཆོག་པ། ད་ཕན་ཞུ་འཛོལ་ཅི་མཆིས་ལྷ་དགོངས་གསལ་དྭངས་ཞེས་འཁོད་དོན། ད་ལམ་སྨོས་པའི་དོན་ཚན་གསུམ་སྐོར་ད་དུང་ལུང་རིགས་ཀྱི་རྩོད་པ་ཇི་སྙེད་ཅིག་མཆིས་ཀྱང༌། རེ་ཞིག་དེ་ཙམ་དང༌། སྔོན་དུ་སྐྱབས་འགྲོར་བརྩོན་ཁུལ་ཞེས་པ་ཁྱེད་རང་ནས་གཙོ་བོ་སྲུང་མ་ཤུགས་ལྡན་བསྟེན་གསོལ་དང༌། སྔ་ལོ་སོགས་སུ་ཆོས་སྡེ་འབྲས་སྤུངས་སུ་ལམ་རིམ་གྱི་འཁྲིད་བཤད་དང་འབྲེལ་བའི་སློབ་མ་རྣམས་ཤུགས་ལྡན་བསྟེན་གསོལ་ཤས་ཆེར་དར་བས་སྔར་ནས་ཐོག་མའི་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་རྗེ་ནས་གནས་དེའི་སྲུང་སྐྱོབ་བཀའ་བསྒོས་གཉེར་དུ་གཏད་པ་གནས་ཆུང་ཆོས་རྒྱལ་ཆེན་པོ་ནས་འབྲས་སྤུངས་བླ་སྤྱིར། བསྟན་པ་སྔ་བསྣུར་དུ་བཏང་ཚུལ་དགོངས་འགལ་སྔ་ཕྱིར་འབྱུང་རྩ་དེར་ཐུག་པ་དང༌། ལྷག་པར་འཇིག་རྟེན་དྲེགས་པར་ཚེ་འདིའི་གྲོགས་སུ་བཅོལ་བས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་མཐོང་བས་མ་རིག་རྨོངས་པས་སྒྲིབ་ནོངས་ལས་ཤེས་བཞིན་དཀར་མིན་གྱི་ལམ་དུ་རང་ཉིད་ཞུགས་ཤིང༌། གཞན་སྦྱོར་བ་སྙིང་ཁོང་ནས་མིན་ལུགས་འཁོད་པ་དང་ནང་འགལ་དུ་མངོན་པས་ཇི་ཡིན་ཞུ་ལན་འབུལ་དགོས་སྤྱི་ཕེབས་བྱུང་ལགས་ན། གུས་འབངས་པའི་མ་རྒན་དེ་ཉིད་ནས་ཤུགས་ལྡན་སྐྱེས་མའི་བརྒྱུད་ཀྱི་ལྷ་ཡིན་ཚུལ་གྱིས་ད་བར་བསྟེན་གསོལ་བྱ་དགོས་བྱུང་ཡང༌། ཕྱིན་ཆད་རང་ནོངས་ལ་འགྱོད་སྡོམ་དྲག་པོས་བསྟེན་གསོལ་བསྐང་འཕྲིན་ནམ་ཡང་མི་ཞུ་བ་ཞེ་དམ་ཤུགས་དྲག་སྙིང་དབུས་སུ་གུས་བཅངས་ཞུས་ཆོག་པ། གནས་ཆུང་ཆོས་རྒྱལ་ཆེན་པོ་དགོངས་འཁྲུག་གི་གཞི་རྩར་གྱུར་པ་དང༌། སྐྱབས་འགྲོའི་བསླབ་བྱ་དང་ནང་འགལ་བྱུང་བ་སོགས་དེང་ཕན་ཞུ་འཛོལ་ཅི་མཆིས་དམན་ལ་ལྷག་པར་བརྩེ་བའི་མགོན་པོ་མཆོག་ནས་བརྩེ་ཆེན་བྱམས་གཟིགས་ཀྱིས་ལྷ་དགོངས་གསལ་དྭངས་བརྩེ་བས་གཟིགས་པ་མཁྱཻན། མཁྱེན། ཞེས་གསོལ་བ་འདེབས་རྟེན་ལྷ་རེག་ཨ་ཤེ་དང༌། རྟེན་དོད་དངུལ་སྲང་ལྔ་བཅས་གུས་པ་ཆེན་པོས་ཕུལ།

ཞེས་པ་འདི་ཉིད་ཡིན་ལ། ཕྱིས་ཤིག་ཏུ་རྗེ་ཉིད་ནས་ཁོ་བོ་༼ཞེས་འདི་ཉིད་འབྲི་བ་པོ་དྲུང་ཡིག་འདན་མ་བློ་བཟང་རྡོ་རྗེ་་ལ་གོ་བ་ཡིན།༽ ལ་འདི་ལྟར་གནང་སྟེ། དེ་དུས་ྋགོང་ནས་ཕེབས་པ་རྣམས་ཀྱི་ཐོག་མའི་དུས་དགོངས་འཁྲུགས་ཀྱི་ཀླན་ཀའི་བཀའ་བཀྱོན་ཚིག་ཡིན་པ་མ་ཤེས་པར་ཞུ་ལན་དྲང་པོར་ཕུལ་ཀྱང༌། དེ་རྗེས་ཀྱི་ཕེབས་སྒོ་རྣམས་གནད་ཡོད་གཞན་དུ་མས་ཟེར་བ་ལྟར་གཏིང་ནས་མི་དགྱེས་པའི་རྣམ་པ་ཤས་ཆེར་གསལ་བས། བཀའ་བརྒྱུད་ཀྱི་བླ་མ་འགའི་རྣམ་ཐར་དུ། རང་གི་བླ་མས་ཉི་མ་བཞུད་ཕྱོགས་སུ་ཤར་ཡིན་པར་གསུངས་ཀྱང༌། ༼ཞེས་སོགས་ཅི་གསུང་བཀའ་བཞིན་བསྒྲུབ་རྒྱུའི་དགོངས་པ་ཡོད་པར་མངོན་ཡང་དོལ་རྒྱལ་གྱིས་གཡོ་སྒྱུའི་དབང་གིས་དེ་ལྟར་མ་བྱུང་བ་ནི་ཕྱིས་ཀྱི་༸སྐྱབས་རྗེ་འདི་པའི་རྣམ་ཐར་ལས་ཤེས་སོ། །༽