༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་(༡༨༥༥ ནས་ ༡༨༨༢ བར་)གི་རྣམ་ཐར།

http://shugdenfacts.com/gadenjangtsemonastery/༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་(༡༨༥༥ ནས་ ༡༨༨༢ བར་)གི་རྣམ་ཐར་ཡོངས་འཛིན་གདན་ཁྲི་འཛིན་པ་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་མཛད་པ་དེའི་ནང་དོལ་རྒྱལ་གྱི་སྐོར།

རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་རྣམ་ཐར་དད་ལྡན་པད་ཚལ་བཞད་པའི་ཉིན་བྱེད་སྣང་བ་ཤོག་གྲངས་ ༢༢༣ རྒྱབ་ཤོག་ཡིག་ཕྲེང་དང་པོར།

 ཚེས་དྲུག་ཉིན་གཟིམ་ཆུང་མགོན་ཁང་དུ་གཅུང་སྐུ་ཞབས་དང་སྐུ་བཅར་གསོལ་དཔོན་བཅས་པར་བཀའ་ཕེབས་སུ། བདེ་ཆེན་ཕོ་བྲང་གི་རྩེའི་ཡང་ཐོག་གི་གཟིམ་ཆུང་དུ་དེང་སང་དོལ་རྒྱལ་གྱིས་ཆོ་འཕྲུལ་སྣ་ཚོགས་ཤིག་སྟོན་གྱིན་འདུག་པས། ཚེས་དགུ་ཉིན་གཟིམ་ཆུང་དེ་བཞིན་བཤིག་རལ་དང་བཅས་བསྡུ་དགོས་ཕེབས། ཞེས་པ་ལྟར་ཕལ་ཆེར་༸པཎ་ཆེན་བསྟན་པའི་ཉི་མ་སྐུ་གཞོན་ནུའི་སྐབས་སུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་འདྲེ་ངན་གསར་དུ་བསྟེན་པ་དེས་བཀྲ་ཤིས་ལྷུན་པོ་ཕུང་བའི་ཉེན་ཁ་འདུག་ཅེས་གསུངས་པའི་ཆོས་སྐྱོང་གསར་པའམ་འདྲེ་གསར་པ་དེ་བཀྲ་ཤིས་ལྷུན་པོ་བས་བསྟེན་གྱི་ཡོད་པ་དང༌། ༸པཎ་ཆེན་བསྟན་པའི་ཉི་མའི་ཡང་སྲིད་པཎ་ཆེན་བསྟན་པའི་དབང་ཕྱུག་གི་སྐབས་སུ་དོལ་རྒྱལ་གྱིས་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་བདེ་ཆེན་ཕོ་བྲང་གི་ནང་དུ་ཆོ་འཕྲུལ་མང་པོ་བསྟན་པ་ན་གཟིམ་ཆུང་བཤིག་རལ་དང་བཅས་བསྡུ་དགོས་པའི་བཀའ་ཕེབས་པས་ཀྱང་དོལ་རྒྱལ་ལ་ཐུགས་མི་རང་པ་ཤིན་ཏུ་ནས་གསལ།

༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

༸ཀུན་གཟིགས་པཎ་ཆེན་བསྟན་པའི་དབང་ཕྱུག་གི་གསུང་ནང་དོལ་རྒྱལ་གྱི་སྐོར།

༸པཎ་ཆེན་བསྟན་པའི་དབང་ཕྱུག་རང་ཉིད་ཀྱིས་མཛད་པའི་བཀྲ་ཤིས་ལྷུན་པོའི་དགེ་འདུན་དང་བཅས་པའི་སྤང་བླང་བྱ་རྒྱུའི་སློབ་སྟོན་གནང་བའི་བཅའ་ཡིག་ཅིག་མཛད་པ་དེ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ། བཀྲ་ཤིས་ལྷུན་པོ་དཔལ་གྱི་བདེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་དབུ་དམངས་དང༌། བླ་བྲང་ནང་མ་སོགས་ལྟོ་ཟན་ཁོངས་གཏོགས་དང་བཅས་པ་སྤྱི་ཁྱབ་ཏུ་ངེས་དགོས་པའི་ཡི་གེ་ཁྲིམས་གཉིས་སྲོག་གི་ཆད་མཐུད་རབ་བརྗིད་གསེར་གྱི་རྡོ་རྗེའི་གཉའ་ཤིང་གི་ཤོག་གྲངས་ ༡༢༡ ཡིག་ཕྲེང་མཐའ་མར།

བར་སྐབས་ཞིག་དགོན་པའི་ཐོ་ཁོངས་སུ་གདུག་འདྲེ་རྩ་སྦུགས་སུ་འདྲེན་པ་ཁ་ཡར་བྱུང་ཡོད་ཚོད་འདུག་པ། ཅེས་དགོན་པའི་ནང་གདུག་འདྲེ་ལྷ་ཕེབས་མཁན་ཞིག་བྱུང་འདུག་ཅེས་གསུངས་པ་ཡིན། ཕྱིན་ཆད་ལ་མོ་ཆོས་སྐྱོང་སོགས་དམིགས་བསལ་མ་གཏོགས་གང་བྱུང་ཁོག་ཞུགས་བྱས་མི་ཆོག ཆོས་སྲུང་ཀྱང་ཡེ་ཤེས་ཀྱི་སྤྱན་ལྡན་རྡོ་རྗེའི་སྲུང་མ་ལས། དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་གྱི་རིགས་ལ་གསོལ་ཁ་བྱེད་པའི་མཚོན་བསྟེན་ཅིང་སྐྱབས་སུ་འགྲོ་བ་ནང་པ་སངས་རྒྱས་པའི་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་འགལ་ཟླར་འདུག་པས་མི་བྱེད། ཅེས་སོགས་གསལ་བར་གསུངས་ཡོད། ལ་མོ་ནི་འཇིག་རྟེན་དྲེགས་པ་ཡིན། ལ་མོ་ཆོས་སྐྱོང་སོགས་ཞེས་པའི་སོགས་སྒྲའི་ནང་གང་དག་ཡོད་དམ། ལ་མོ་ཆོས་སྐྱོང་ནི་དམིགས་བསལ་ཡིན་ཞེས་གསུངས་པ་དང༌། རྒྱལ་པོ་སྐུ་ལྔ་གནས་ཆུང་དང༌། དགའ་གདོང་སོགས་ལ་གསུང་གི་ཡོད་པ་ཕལ་ཆེར་དཔག་ཐུབ་པ་ཡིན། ལ་མོ་ཆོས་སྐྱོང་ལྟ་བུ་དམིགས་བསལ་ཡིན་པ་མ་གཏོགས་དེ་མིན་དོལ་རྒྱལ་གྱི་མིང་དངོས་སུ་སྨྲོས་ནས་དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་ཞེས་གསུངས་ཡོད།

 དེས་ན་༸རྒྱལ་དབང་ལྔ་པ་ཆེན་པོ་ཙམ་ལས་གོང་གི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་རྣམས་དགེ་ལུགས་རྐྱང་པ་ཉམས་བཞེས་མཛད་མཁན་ཡིན་ཞིང། དེ་དག་ཀུན་གྱིས་དོལ་རྒྱལ་དྲེགས་པ་གདུག་པ་ཅན་ལས་སྤྱིར་ཆོས་སྲུང་ངམ་སྒོས་སུ་དགེ་ལྡན་པའི་ཆོས་སྲུང་དུ་ངོས་འཛིན་གཏན་ནས་མེད་ཁར། དེ་བསྟེན་ཚེ་༸རྗེ་ཙོང་ཁ་པའི་ལུགས་དང་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་གསུངས་པས་ན། དོལ་རྒྱལ་དམ་མིན་དམ་བརྫུ་ཡིན་པ་བླ་མ་དམ་པ་དེ་རྣམས་ཀྱིས་བཞེད་པ་ཤིན་ཏུ་གསལ་ལོ། །