ཆོས་མགོན་སྐུ་ཕྲེང་བདུན་པ་ཆོས་ཀྱི་ཉིན་བྱེད་ཀྱིས་མཛད་པའི་འབྲུག་པ་བདེ་ཆོས་ཡོངས་འཛིན་སྐུ་ཕྲེང་ལྔ་པ་ཡེ་ཤེས་གྲུབ་པའི་(༡༧༨༡།༡༨༣༥)རྣམ་ཐར་བྱིན་རླབས་མཆོག་གི་གཏེར་བུམ་གྱི་ཤོག་གྲངས་ ༨ པའི་མདུན་ཤོག་ཡིག་ཕྲེང་ལྔ་པར།

http://shugdenfacts.com/gadenjangtsemonastery/དེ་ལྟར་ཐུགས་དམ་བཅད་རྒྱར་བཞུགས་པའི་སྐབས་ཤིག་རྒྱལ་ཆེན་ཤུགས་ལྡན་ཞེས་ཤིན་ཏུ་མི་བསྲུན་པའི་དྲེགས་པ་དེས་རྟོགས་པའི་དྲོད་ཉུལ་ཞིང་ཐོ་མཚམས་པའི་ཕྱིར། ྋརྒྱལ་དབང་འབྲུག་པར་བརྫུས་ཏེ་ལན་གྲངས་དུ་མའི་བར་དུ་འོང་བར་རེ་ཞིག་བཏང་སྙོམས་སུ་མཛད། ཇི་ཞིག་ན་མདོ་སྔགས་ལམ་གྱི་རིམ་པའི་ཆོས་ཚུལ་སྣ་ཚོགས་པས་ཚར་གཅོད་པར་མཛད་པས། མཐར་དེས་གཟུགས་དངོས་སུ་བསྟན་པར་བཀའ་བསྒོ་དམ་ལ་བཞག་པས་དྲེགས་པ་ཅན་དེས་ཀྱང༌། ཁྱེད་ཀྱི་བུ་སློབ་རྣམས་ནས་ངེད་ལ་གསོལ་མཆོད་བྱས་ན་འཁོར་ཤིན་ཏུ་གདུག་རྩུབ་ཆེ་བའི་འབྱུང་པོ་མང་དག་ཡོད་པས་དེ་རྣམས་ཀྱིས་གནོད་འཚེ་བྱེད་པར་འགྱུར་བས་གསོལ་མཆོད་མཛད་མི་འཚལ་ཡང༌། འཕྲིན་ལས་གང་དགོས་བདག་གིས་སྒྲུབ་པར་བགྱིའོ་ཞེས་ཁས་བླངས་དམ་བཅས་ནས་རང་གནས་སུ་སོང་ངོ༌།

ཞེས་བྱུང་བ་ལྟར་དོལ་རྒྱལ་རང་ཉིད་ཀྱིས་ཁོ་པར་འཁོར་གདུག་རྩུབ་ཅན་ཡོད་པར་ཁས་བླངས་ཤིང། དོལ་རྒྱལ་རང་ཉིད་ལ་གསོལ་མཆོད་བྱས་ན་འཁོར་ཤིན་ཏུ་གདུག་རྩུབ་ཅན་རྣམས་ཀྱིས་གནོད་འཚེ་བྱེད་པར་བཤད་པས་ཀྱང་། དོལ་རྒྱལ་ནི་ལོག་པར་འཁུ་བའི་དྲེགས་པ་ཞིག་ལས་དམ་ཅན་ཆོས་སྲུང་ཚད་ལྡན་ཞིག་མིན་པ་འདིས་ཀྱང་འགྲུབ་བོ། །

འབྲུག་པ་བདེ་ཆོས་ཡོངས་འཛིན་ཡེ་ཤེས་གྲུབ་ཀྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

འབྲུག་པ་བདེ་ཆོས་ཡོངས་འཛིན་ཡེ་ཤེས་གྲུབ་ཀྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།