རིས་མེད་ཀྱི་ཤིང་རྟ་ཆེན་པོ་༸རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དཔལ་བཟང་པོ་མཆོག (༡༨༩༣ ནས་ ༡༩༥༩ བར་)

http://shugdenfacts.com/gadenjangtsemonastery/དེ་ཡང་དམ་པ་འདིས་ནི་དོལ་རྒྱལ་དཀོར་བདག་ཏུ་ངོས་འཛིན་མཛད་དེ།   དེ་ཉིད་ཀྱིས་མཛད་པའི་དཀོར་བདག་དམ་སྲིའི་གླུད་བསྔོ་ལས།

ཀྱེཿ །སྣང་ཞིང་སྲིད་པའི་འབྱུང་པོ་དང། །དཀོར་བདག་རྒྱལ་པོ་ཤུགས་ལྡན་དང། །
གཅོད་པ་ཟླ་བ་སེང་གེ་བཟང། །རྒྱལ་འདྲེ་སྦ་དགུ་འཁོར་ཚོགས་དང། །

སྟི་རྒྱལ་བླ་སྐྱབས་བྲག་འདྲེ་སོགས། །རྒྱལ་འགོང་འབྱུང་པོ་དམ་སྲིད་དང། །
ཤི་འདྲེ་གསོན་པོ་ཕོ་མོ་ལ་། །སྒལ་ཚིགས་གླུད་ཀྱི་གཏོར་མ་འདི། །
ཤ་ཁྲག་ལུས་སྲོག་ཚབ་ཏུ་འབུལ། །

བདག་འཁོར་སློབ་བུ་སྦྱིན་བདག་སོགས། །སྐྱེ་འགྲོར་ནམ་ཡང་གནོད་པ་སྤོང། །
ཁྲོས་འཁྲུགས་གདུག་རྩུབ་དབྱིངས་སུ་བསྟིམ། །བྱང་ཆུབ་སེམས་དང་ལྡན་པར་མཛོད། །

ཞེས་གསལ་བའི་ཚིགས་བཅད་འདིའི་ཐོག་ནས་བལྟ་ཞིབ་བྱས་ན། ས་སྐྱའི་བླ་མ་མཁས་གྲུབ་མང་པོའི་ཁྲོད་དུ་རྒྱལ་ཆེན་ཤུགས་ལྡན་དུ་འབོད་པ་འདིར། དཀོར་བདག་དང། རྒྱལ་འགོང། འབྱུང་པོ། དམ་སྲི། ཤི་འདྲེ་སོགས་ཀྱི་གྲས་སུ་བརྩིས་ནས་གླུད་བསྔོའི་ཡུལ་དུ་བཞག་པ་མཐོང་ཐུབ་ཅིང། གཞན་ཡང་ཨེ་ཝམ་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་{༡༨༧༦-༡༩༥༢} སློབ་མ་ཨེ་ཝམ་ཆོས་ལྡན་གྱི་གདན་རབས་དྲུག་ཅུ་རེ་དྲུག་པ་ཁང་གསར་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཚོ་དང། ངོར་ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན་སོགས་ས་སྐྱའི་བླ་མ་མཁས་གྲགས་ཅན་མང་པོས་ཤུགས་ལྡན་གྱི་རྟེན་གཞི་བཤིག་ནས་ཕྱིར་སྐྲོད་དང། དྲག་ལས་ཀྱང་མཛད་པའི་ལོ་རྒྱུས་ཁུངས་ལྡན་ཡོད།