ཁྲི་ཆེན་ངག་དབང་མཆོག་ལྡན་(༡༦༧༧ ནས་ ༡༧༥༡ བར་)གྱིས་དོལ་རྒྱལ་དམ་བསྒྲགས་མཛད་པ།

http://shugdenfacts.com/gadenjangtsemonastery/ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར། དགེ་ལྡན་ཁྲི་རིན་པོ་ཆེ་ཨ་ཆི་ཐུ་ནོ་མིན་ཧན་གྱི་རྣམ་ཐར་མཁའ་སྤྱོད་འགྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེའི་ཤོག་གྲངས་ ༦༦ རྒྱབ་ཤོག་ཡིག་ཕྲེང་ལྔ་པར།

   དེ་སྔོན་ནས་རྒྱལ་འགོང་གདུག་པ་ཅན་ཞིག་བྲག་སོབ་སྐོར་གྱི་མི་ཞིག་གི་ཁོག་ཏུ་བརླམས་ཏེ་བབས་པ་དང༌། བྱེད་མང་བའི་བླ་ཟུར་དང་ཁམས་ཚན་འགའ་ཞིག་ནས་གསོལ་མཆོད་བྱེད་ཁུལ་གྱིས་བསྟེན་པ་དང་བྱང་རྩེའི་རི་རྩེ་ལ་ལྷ་ཐོ་ཞིག་ཀྱང་བརྒྱབ་འདུག་པ་རྣམས་མི་འཚམ་པ་ཆེན་པོར་གཟིགས་ནས། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དུས་ནས་བཟུང་དགོན་གནས་འདི་ནང་དུ་འཇིག་རྟེན་པའི་ལྷ་སྲུང་སྣ་ཚོགས་བསྟེན་པའི་ཕྱག་སྲོལ་མེད་པས་ཕྱིན་ཆད་དེ་རིགས་གཏན་ནས་བྱེད་མི་ཆོག་ཅེས་ཚོགས་སུ་བསྒྲགས། ལྷ་ཐོ་དེ་ཡང་བཤིག་ནས་རྡོ་རྡོ་མལ་དང་ས་ས་ལམ་དུ་བསྐྱལ། སྐུ་རྟེན་དེ་ལ་ཡང་ཁོག་ཞུགས་བྱེད་བཅུག་ཐོག་ཕྱིན་ཆད་བབས་ས་མེད་པའི་བཀའ་བསྒྱུར་བས་ཁྲི་ཆེན་རིན་པོ་ཆེས་དེ་ལྟར་གསུང་ཕྱིན་ད་འགྲོ་བ་ལས་འོས་མེད་ཟེར་ནས་བབས་ཕུལ་ཞིང་རྒྱལ་འགོང་དེ་སྟག་རྩེ་ཞོལ་དུ་བྲོས། རྗེ་ཉིད་སྐུ་མཚམས་ཐོག་ཞིག་བཞུགས་ནས་ཐམས་ཅད་མཁྱེན་པ་༸རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་ཆོས་རྒྱལ་གྱི་གཏོར་རྫོང་དེ་ཡང་ཚོགས་སུ་འཛུགས་པ་གནང། ཞེས་ཕུར་ལྕོག་ངག་དབང་བྱམས་པས་གསུངས་པ་དེ་དང་འདི་གཉིས་ཏག་ཏག་ར་སྤྲོད་བྱུང་ཡོད། དགའ་ལྡན་གྱི་བྱེད་པ་མང་བའི་བླ་ཟུར་དང་ཁམས་ཚན་འགའ་ཞིག་ནས་དྲེགས་པ་དེ་བསྟེན་པས་ལྷ་ཐོ་ཡང་བཤིགས་ཏེ་ཕྱིན་ཆད་བསྟེན་མི་ཆོག་པ་དམ་བསྒྲགས་མཛད་པ་གསུངས་ཡོད།

༸རྒྱལ་མཆོག་སྐུ་ཕྲེང་བདུན་པའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།