དོལ་རྒྱལ་མཚམས་འཇོག་བྱེད་འདོད་ན་ཇི་ལྟར་བྱེད།

http://shugdenfacts.com/gadenjangtsemonastery/དོལ་རྒྱལ་མུ་མཐུད་བསྟེན་པས་རང་ལ་ཚད་ལྡན་གྱི་བླ་མ་མང་པོའི་གདམས་པ་ཞུ་རྒྱུའི་གོ་སྐབས་ཀྱང་མེད་པ་ཙམ་དུ་མ་ཟད་སྔར་གྱི་ལོ་རྒྱུས་དག་ལ་དཔྱད་ན་ཡང་ཕན་ལས་གནོད་ཚབས་ཆེ་བས་ན། སྔར་གྱི་དམ་པ་མང་པོའི་གསུང་དང་ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་རྣམས་དཔྱད་གཞིར་བཟུང་ནས་བརྟག་པ་ལེགས་པར་བྱས་ཏེ་རང་ལ་ཆོས་ཀྱི་གོ་སྐབས་གསར་པ་འབྱེད་ཅིང། སྐྱབས་འགྲོའི་བསླབ་བྱ་དང་ཡང་མི་འགལ་བ་དང་། རང་ཉིད་ནང་པའི་གྲལ་ནས་ཀྱང་འབུད་མི་དགོས་པར་བསྟན་པ་སྤྱིའི་བགྲོད་དང་མཐུན་པར་བྱེད་ན་རྣམ་དཔྱོད་དང་ལྡན་ཞིང་ཕུགས་ཀྱང་བཙན་པ་ཡིན་ནོ། །དེ་ལྟར་བྱེད་འདོད་པ་དེས་ཀྱང་དོལ་རྒྱལ་དང་དེ་འབྲེལ་རང་གི་བླ་མ་དང་གྲོགས་པོ་སོགས་སུ་ལའང་འཁོན་འཛིན་མེད་ཅིང། རང་ལ་ཆོས་ཀྱི་དྲིན་གྱིས་བསྐྱངས་པའི་བླ་མ་དེ་དག་གི་བཀའ་དྲིན་ཡིད་ལ་བཅང་ཞིང། དོལ་རྒྱལ་གྱི་སྐོར་དེ་དག་དང་འདོོད་པ་མི་མཐུན་པར་བྱས་ཏེ། དེ་ནས་བཟུང་དེ་དག་དང་ཆོས་དང་ཟང་ཟིང་གཉིས་ཐ་དད་བྱས་རྗེས། དོལ་རྒྱལ་མི་བསྟེན་པའི་བླ་མ་དམ་པ་མང་དག་ཡོད་པ་རྣམས་ཀྱི་ནང་ནས་རང་གི་མོས་ངོ་དང་འཚམ་པ་ལས་ཆོས་འབྲེལ་ཞུས་ཏེ། སྤང་བླང་མ་ནོར་བར་བྱེད་ཚེ་བསྟན་པ་སྤྱིའི་ཚུལ་དང་མཐུན་ལ། མཁས་པས་བརྟག་ནའང་ཡི་རང་བྱ་བའི་གནས་སུ་འགྱུར་ངེས་སོ། །

རྗེས་མ།

Related Articles

ལམ་སྟོན།