བྱིས་པའི་ཅ་ཅོ་འགོག་པ་ལས་བརྩམས་པའི་བསླབ་བྱ།

http://shugdenfacts.com/gadenjangtsemonastery/ཡང་ཁྱེད་ཚོས་༸གོང་ས་མཆོག་ནས་སྤྱིར་འཛམ་གླིང་གང་སར་ཞི་མོལ་གྱི་སྒོ་ནས་དཀའ་རྙོག་སེལ་དགོས་ཞེས་སྨྲ་བཞིན་ཡོད་མུས་དོལ་རྒྱལ་རྗེས་འབྲང་དང་བཀའ་མོལ་གནང་གི་མེད་པའི་སྐྱོན་བརྗོད་ལ། ལན་འདི་ལྟར་བྱ་སྟེ། བཀའ་མོལ་ཞུ་བའི་ཆ་རྐྱེན་དུ་སངས་རྒྱས་ཀྱི་བཀའ་སྤྱི་བོར་ལེན། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བཟང་གཞིར་བྱས། ཕྱོགས་གླང་ཆོས་གྲགས་ཀྱི་རིགས་པའི་ཚུལ་དྲི་མ་མེད་པས་བརྒྱན་ཏེ་གཏན་ལ་ཕབ་པའི་རྗེའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རྨད་དུ་བྱུང་བ་ཡོད་པ་དེ་དག་དཔང་དུ་བཙུགས་པའི་སྒོ་ནས། དོལ་རྒྱལ་བསྟེན་སྲོལ་དེ་དེ་དག་དང་མཐུན་མི་མཐུན་གྱི་བཀའ་སློབ་ལམ་སྟོན་ནམ་གྲོས་མོལ་ཞུ་འདོད་ན། ཚུལ་མཐུན་གྱི་སྒོ་ནས་དེ་ལྟར་ཡོང་ཐབས་སུ་འབད་དགོས་པ་ལས། མགོན་པོ་གང་ཉིད་ཀྱི་ཞབས་ཀྱིས་བཅགས་པའི་ས་གནས་གང་སར་ངོ་རྒོལ་དང། ༸རྒྱལ་དབང་འདི་ཏཱ་ལའི་བླ་མ་དངོས་མིན་པར་སྨྲ་བ་དང། ཁ་ཆེ་ཡིན་པར་སྨྲ་བ་དང་། བཙན་པོ་དབང་ཤེད་ཅན་ཡིན་པར་སྨྲ་བ་སོགས་བསམ་ཡུལ་ལས་འདས་པའི་ཧམ་བཤད་ཀྱིས་སྒྲོ་སྐུར་སྣ་ཚོགས་བྱེད་པའི་རང་གི་ངང་ཚུལ་འཁྱོག་བཤད་ཆེ་བ་དེ་ལྟ་བུ་ཡོད་པ་དང། ལྷན་དུ་མགོན་པོ་གང་ཉིད་བཀའ་མོལ་ལ་བཞུགས་ན། ཁྱེད་ཚོས་༸རྒྱལ་བའི་སྐུར་འཚེ་བ་མི་བྱེད་པའི་ཡིད་ཆེས་དང་གདེང་གང་ལ་བྱེད། ལར་ནས་བཀའ་མོལ་ཞུ་འདོད་ན། ཐོག་མར་༸གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིར་གནང་བ་རྣམས་ལ་ཞིབ་ཏུ་ནན་ཏན་བྱས་ཏེ། གནས་ཚུལ་འདི་དང་འདི་ཞེས་པའི་ཐོག་དགོས་པ་དང་དགག་བྱ་གང་དང་གང་ཡོད་ཅེས་པའི་སྒོ་ནས། ཚུལ་མཐུན་དུ་༸རྒྱལ་བའི་དགོངས་པ་འཚོལ་ཐབས་སུ་ཞུགས་ནས་ཐོག་མར་མགོན་པོ་གང་གི་རྗེས་འབྲང་བླ་མ་དགེ་བཤེས་བརྒྱ་ཕྲག་བརྒལ་ནས་ཡོད་པ་དེ་དག་དང་གྲོས་བྱས། ད་དུང་དོགས་པ་མི་སེལ་བ་ཡོད་ན། བཀའ་སློབ་ལམ་སྟོན་ཞུ་རྒྱུའི་གོ་སྐབས་ཚུལ་མཐུན་གི་སྒོ་ནས་འཚོལ་དགོས་པ་ལས། དེ་ལྟར་མ་བྱས་པར། མཛད་འཕྲིན་ནམ་མཁའ་དང་མཉམ་པའི་མགོན་པོ་གང་ཉིད་ཀྱི་སྐྱེ་འགྲོ་མཐའ་ཡས་པར་ཕན་པའི་མཛད་བྲེལ་འདི་ལྟ་བུར་ཡོད་པ་ཀུན་གྱི་མཐོང་ཆོས་ལྟར་ཡིན་ཡང། ད་དུང་རང་དོན་འཁྱོག་བཤད་ལ་གསན་དགོས་པའི་དུས་ཚོད་དགོས་ཞེས་སྨྲ་བ་ནི། ཀྱེ་མ་རང་མཐོང་ང་རྒྱལ་གྱིས་རློམ་པ་ཁོ་ནར་ཟད་དོ། །

Related Articles

ལམ་སྟོན།