དཔལ་ལྡན་ལྷ་མོ་དང་གནས་ཆུང་གཉིས་དང་དོལ་རྒྱལ་མི་མཐུན་པ།

http://shugdenfacts.com/gadenjangtsemonastery/༸སྐྱབས་མགོན་༸རྒྱལ་བའི་དབང་པོས་ཐུགས་བརྟག་གི་རིམ་པ་གོང་དུ་ཐོན་པ་དག་ལས་དོལ་རྒྱལ་བསྟེན་ཚེ་དཔལ་ལྡན་ལྷ་མོ་དང་མི་མཐུན་པ་གསལ་བ་དང། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང། འབྲས་སྤུངས་ཀྱི་རྒན་བགྲེས་རྣམས་ཀྱི་གསུང་རྒྱུན། ༸རྒྱལ་བ་ལྔ་པ་ཆེན་པོའི་གསུང་གསང་བ་རྒྱ་ཅན ༼འདི་དོལ་རྒྱལ་སྐོར་ཡིག་ཆ་ཁག་ནང་ཡོད་པས་དེ་ལས་ཤེས་པར་བྱོས་༽ ༸ལྔ་པ་ཆེན་པོ་དང་དོལ་རྒྱལ་གྱི་སྡེ་ཚན་དུ་འཆད་པར་འགྱུར་བ་སོགས་ཀྱིས་ཀྱང་འགྲུབ་བོ། །

འདོད་ཁམས་བདག་མོ་མ་གཅིག་དཔལ་ལྡན་ལྷ་མོ།
འདོད་ཁམས་བདག་མོ་མ་གཅིག་དཔལ་ལྡན་ལྷ་མོ།

    དོལ་རྒྱལ་སྐོར༸གོང་ས་སྐུ་ཕྲེང་བཅུ་གསུམ་པར་སྙན་གསན་ཞུ་མཁན་ཡང་གནས་ཆུང་ཡིན་ལ། དུས་རྒྱུན་གནས་ཆུང་ནས་བཀའ་ལུང་གནང་སྐབས་དོལ་རྒྱལ་ལ་ཨ་སྲས་འཁྱམས་པོ་ཞེས་མི་རང་བའི་ཚིག་གིས་བརྗོད་ཀྱི་ཡོད་ཅིང་། ༸རྒྱལ་དབང་འདིར་ཡང་གནས་ཆུང་ནས་དོལ་རྒྱལ་གྱི་སྐོར་དང་པོར་ཉེས་བརྡ། དེ་ནས་རིམ་གྱི་གནས་ཚུལ་ཞིབ་ཕྲ་རྣམས་ཞུས་པ་༸རྒྱལ་དབང་ཉིད་ཀྱི་བཀའ་སློབ་རིམ་པར་གསལ་བ་ལས་ཤེས་པར་འགྱུར་བས། གནས་ཆུང་ནས་དོལ་རྒྱལ་དྲེགས་པར་བཞེང་རྒྱུའི་རྒྱུད་སྐུལ་བྱས་པར་སྨྲ་བ་ནི་བབ་ཅོལ་འབའ་ཡིན་ཞིང་། རིགས་པས་ཀྱང་མི་འཐད་པའི་ཚུལ་གཞན་དུ་རྒྱས་པར་བཀོད་ནས་ཡོད་པས་དེ་ལས་ཤེས་པར་གྱིས་ཤིག

Related Articles

ལམ་སྟོན།