དོལ་རྒྱལ་ཚད་མར་འདོད་པ་དག་གིས་གནས་ཆུང་ཆོས་རྒྱལ་ཆེན་པོས་དོལ་རྒྱལ་དྲེགས་པར་བཞེང་དགོས་རྒྱུའི་སྐུལ་འདེབས་མཛད་ལུགས་བཤད་པ་དེ་བདེན་ནམ།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག
ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག

http://shugdenfacts.com/gadenjangtsemonastery/ཕྱི་ལོ་ ༡༩༨༠ ཟླ་ ༧ ཚེས་ ༡༨ ཉིན་སེ་ར་ཐེག་ཆེན་གླིང་དུ་བྱེས་སྨད་གཉིས་ཀྱི་མཁན་པོ་ལས་ཟུར་དང༌། ལས་སྣེ། དགེ་འདུན།  སྦེལ་ཀོབ་གཞོན་ནུའི་རྒྱུན་ལས་ཁག་བཅས་ཧྲག་བསྡུས་བཞུགས་མོལ་ཚོགས་འདུའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་སྐོརསྩལ་བའི་བཀའ་སློབ་ནང་གསལ་།
གཞི་ནས་རྒྱལ་ཆེན་གྱི་ལོ་རྒྱུས་དེ་རྩ་བ་གནས་ཆུང་ཁུངས་སུ་བགྲངས་ནས་རྒྱལ་ཆེན་ཚད་མ་ཡིན་པ་སྒྲུབ་དགོས་ཀྱི་ཡོད། ཐོག་མ་བསྐུལ་མཁན་ཡང་གནས་ཆུང་གི་འཕྲུལ་དང༌། བར་དུ་པཎ་ཆེན་བསོད་གྲགས་ལའང་ཞུས་པའི་ལོ་རྒྱུས་དང༌། ཐ་མ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ལའང་རྐྱེན་ཞིག་འཕྲད་པ་གནས་ཆུང་གིས་བཟོས་པའི་སྐད་ཆ་ཞིག་ཡོད། གནས་ཆུང་ལ་རྒྱབ་རྟེན་བཅོལ་དགོས་ཡོད་ན་ད་ལྟ་གནམ་འདིའི་ཁ་འོག་ལ་གནས་ཆུང་རྒྱུས་ཡོད་ང་ལས་ལྷག་པ་མེད། ངའི་ངོས་ནས་བསམ་བློ་བཏང༌། བརྟག་དཔྱད་བྱས་པ་ན་གནས་ཆུང་གི་རྒྱབ་སྐྱོར་རྩ་བ་ནས་མི་འདུག ང་ལ་མངོན་ཤེས་མེད་ཀྱང་ཕྱོགས་མང་པོ་ཞིག་ནས་བརྟག་དཔྱད་ནན་ཏན་བྱས་པ་ཡིན། གཅིག་བྱས་ན་ང་མགོ་མཁྲེགས་པོ་ལྟ་བུ་རེད། བླ་མས་གསུངས་པ་ཡིན་ན་ཡང༌། རྗེ་རིན་པོ་ཆེས་ག་རེ་གསུངས་འདུག ཕན་ཚུན་བསྡུར་ནས་བརྟག་དཔྱད་བྱེད་ཀྱི་ཡོད། དེ་བཞིན་ཆོས་སྐྱོང་གཅིག་གིས་གསུངས་པ་དེར་ལམ་སེང་ཆ་བཞག་གི་མེད། བསམ་བློ་བཏང༌། མོ་འདྲ་ཡང་བརྒྱབ། གཏན་གཏན་བྱེད་ཀྱི་ཡོད་པ་ལས་ཧ་རེ་ཧོ་རེའི་ཐོག་ནས་འགྲོ་གི་མེད། ངའི་གཤིས་ཀ་ཁོ་རང་དེ་ག་རེད། གནས་ཆུང་ལ་ཆ་བཞག་ན་དེ་སྔ་བོད་དང་རྒྱ་གར་དུ་འབྱོར་རྗེས་བཅས་སྔ་ཕྱིར་ཡེ་ཤེས་འདྲོངས་པོ་ཕེབས་ཀྱི་ཡོད་མེད་དགའ་གདོང་ལ་སྐད་ཆ་དྲིས་པར། བློས་གཙང་མ་བཀལ་ཆོག་པ་ཡོད་ཅེས་གསུངས་བྱུང༌། འགའ་ཞིག་གི་བསམ་པར་ངས་རྣ་བ་སྲབ་པོ་བྱས་ནས་གནས་ཆུང་གི་ཁ་ལ་ཉན། གནས་ཆུང་དང་ཤུགས་ལྡན་གཉིས་ཕལ་པའི་ཕྲག་དོག་ལྟ་བུས་མ་མཐུན་པའི་རྐྱེན་གྱིས་བྱུང་བ་ལྟ་བུ་དྲན་གྱི་ཡོད་ཚོད་རེད། དེ་འདྲ་མ་རེད། རྩ་བ་ཐུག་ས་དེ་དཔལ་ལྡན་ལྷ་མོར་ཐུག་པ་ཞིག་ཡིན།

Related Articles

ལམ་སྟོན།