དངུལ་ཆུ་དྷརྨ་བྷ་དྲའི་(༡༧༧༢ ནས་ ༡༨༥༡)གསུང་ནང་དོལ་རྒྱལ་གྱི་སྐོར།

http://shugdenfacts.com/gadenjangtsemonastery/དངུལ་ཆུ་ཡབ་སྲས་རྣམ་གཉིས་འཇམ་མགོན་བླ་མའི་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད། དངུལ་ཆུ་དྷརྨ་བྷ་དྲའི་རྣམ་ཐར་ནང་དོལ་རྒྱལ་སྐོར་གང་ཡོད་ཅེས་ན། དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོའི་རྣམ་པར་ཐར་པ་ཞྭ་སེར་བསྟན་པའི་མཛེས་རྒྱན་ཤོག་གྲངས་ ༣༤ མདུན་ཤོག་ཡིག་ཕྲེང་བཞི་པར།

   དེ་སྐབས་དགོན་པའི་གླིང་སྟོད་དུ་གཟུགས་མེད་པའི་རྡོ་རྡེག་མཁན་ཉིན་མཚན་ཅི་རིགས་སུ་བྱུང་བར། ཚོགས་སྤྱི་ནས་ལོ་ཆེན་རིན་པོ་ཆེར་བརྟག་ཞུ་མཛད་པར་དོལ་རྒྱལ་གྱི་གནོད་པ་ཡིན་པས་ཚོགས་འདོན་དུ་དགའ་ལྡན་ལྷ་བརྒྱ་མ་བཙུགས་ན་ལེགས་ཚུལ་ཕེབས་པར་བརྟེན། དབུ་མཛད་ཤེས་རབ་ལགས་ནས་དགའ་ལྡན་ལྷ་བརྒྱ་མའི་དཔེ་ཤོག་ཅིག་མ་མཁས་གྲུབ་ངག་དབང་རྡོ་རྗེའི་ཕྱག་བྲིས་ཡིན་པ་ཞིག་གནང་ནས་ཁྱོད་རང་གིས་ཡི་གེ་ཤེས་པས་ཤུས་ཤིག་གསུང་བ་བཞིན་དེ་འཕྲལ་ཕྱག་བྲིས་མཛད་པས་ཤུ་གྲུབ་པ་དང་ཐུགས་བློར་འཛིན་གྲུབ་པ་བྱུང༌། ཞེས་པ་ལྟར་དོལ་རྒྱལ་གྱི་ཆོ་འཕྲུལ་ཞིག་བྱུང་སྟེ། དེའི་གནོད་པ་འགོག་ཆེད་དུ་དམིགས་བརྩེ་མ་གསོག་ཅེས་གསུངས་པ་ལས་དོལ་རྒྱལ་རྩ་ཆེན་པོ་ཡིན་པ་ལྟར་བྱས་ནས་དོལ་རྒྱལ་གྱི་འཕྲིན་བཅོལ་གཏོང་ཞེས་གསུངས་མེད།

དངུལ་ཆུ་དྷརྨ་བྷཊའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
དངུལ་ཆུ་དྷརྨ་བྷཊའི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

Related Articles

ལམ་སྟོན།