༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་(༡༧༥༨ ནས་ ༡༨༠༤ བར་)ཡོངས་འཛིན་བཀའ་ཆེན་ཡེ་ཤེས་རྒྱལ་མཚན་(༡༧༡༣ ནས་ ༡༧༩༣ བར་)གྱི་གསུང་དོལ་རྒྱལ་གྱི་སྐོར།

http://shugdenfacts.com/gadenjangtsemonastery/ྋརྒྱལ་བ་འཇམ་དཔལ་རྒྱ་མཚོས་མཛད་པའི་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར། རྗེ་བཙུན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་པཎྜི་ཏ་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་ཐུབ་བསྟན་མཛེས་པའི་པདྨོ་ཤོག་གྲངས་ ༡༨༧ མདུན་ཤོག་ཡིག་ཕྲེང་གཉིས་པར།

༼སྐབས་དེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་སྐུ་མྱང་ངན་ལས་འདས་པའི་ཡང་སྲིད་པཎ་ཆེན་བསྟན་པའི་ཉི་མ་སྐུ་གཞོན་ནུའི་སྐབས་སུ་གཙང་ནས་དབུས་ཕྱོགས་སུ་ཕེབས་ནས་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་མཇལ། ནམ་རྒྱུན་བཀའ་ཤག་ཚོགས་སའི་རྩེ་ཕོ་བྲང་གི་གཟིམ་ཆུང་བདེ་བ་ཅན་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་བཞུགས་འཇགས་གནང་གི་ཡོད། གཟིམ་ཆུང་བདེ་བ་ཅན་དུ་༸པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཇལ་ཁར་ཕེབས་པའི་སྐབས།༽

IMG_2173   གཞན་ཡང་༸པཎ་ཆེན་རིན་པོ་ཆེའི་ཞབས་འབྲིང་པ་རྣམས་ལ་སྐུ་ཞབས་ཀྱི་གསན་སྦྱོང་ཞབས་བསྐུལ་ལ་ཚང་མ་བློ་རྩེ་གཅིག་པའི་སྒོ་ནས་ཧུར་ཐག་བྱེད་དགོས། དེ་ལྟ་མ་ཡིན་པར་ཁོང་སངས་རྒྱས་ཡིན་པས་ཐ་མལ་པ་ལྟར་གྱི་དཀའ་བ་མཛད་མི་དགོས་ཟེར་ནས་སྐྱུར་བཏང་ན་དྲིན་ཆུང་ཡིན། སངས་རྒྱས་ཡིན་ཀྱང་ཐ་མལ་པའི་ཚུལ་བཟུང་ཕྱིན་ཡོན་ཏན་ཐམས་ཅད་ཀྱང་ཐ་མལ་པ་ལྟར་སློབ་དགོས། མ་བསླབ་པའི་མཁས་པ་དང༌། མ་བསྒོམ་པའི་གྲུབ་ཐོབ་དེས་བསྟན་འགྲོའི་དོན་ལྟར་སྣང་ཙམ་ལས་མི་ཡོང་བས་སྐུ་ཞབས་ཀྱི་གསན་བཞེས་ཞབས་བསྐུལ་ལ་ཐམས་ཅད་ཀྱིས་བསྒྲིམ་དགོས། ཞེས་བཀའ་སློབ་གནང།

༼དེ་རྗེས་དོལ་རྒྱལ་གྱི་སྐོར་ལ།༽

   དེའི་ནང་ནས་ཀྱང་བཀྲ་ཤིས་ལྷུན་པོ་བ་ལ་ཆོས་སྐྱོང་གསར་པ་འདིས་ཕུང་ལ་འདེབས་ཀྱིན་ཡོད་པས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གང་བསྟེན་པའི་ཆོས་སྐྱོང་དེས་ཆོག དེ་མིན་གྱི་འདྲེ་ངན་གསར་དུ་བསྟེན་ན་མི་ལེགས་པའི་གཞི་ཆེན་པོ་བྱས་འགྲོ་བས་ཁྱེད་ཅག་ཐམས་ཅད་ཀྱིས་དེ་ལ་ནན་ཏན་བྱེད་དགོས་སོ་ཞེས་ཐུགས་ཉེ་བའི་བཀའ་སློབ་ཀྱང་མང་དུ་གནང༌། ཞེས་པའི་ཆོས་སྐྱོང་དེ་སུ་ལ་བརྗོད་ཀྱི་ཡོད་དམ་ཞེ་ན། བཀྲ་ཤིས་ལྷུན་པོ་ལ་རྒྱལ་པོ་ཉི་ཟེར་ར་ཞུ་བ་ཞིག་ཡོད་པ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་རང་ཉིད་ནས་བཀའ་བསྒོས་གཉེར་གཏད་གནང་བའི་ཆོས་སྐྱོང་ཞིག་ཡིན་ལ། བཀྲ་ཤིས་ལྷུན་པོ་བ་ཁ་ཤས་ཀྱི་བསྟོད་བསྔགས་བྱས་ཏེ་སྲུང་མ་ཉི་ཟེར་ར་རྗེ་དགེ་འདུན་གྲུབ་པ་དང་ཐུགས་རྒྱུད་གཅིག་པ་རེད་ཅེས་བརྗོད་མཁན་ཡང་་ཡོད། དེ་ལྟར་གང་ལྟར་ཡང་རྗེ་དགེ་འདུན་གྲུབ་པས་བཀའ་བསྒོས་གཉེར་གཏད་ཡོད་པ་ཞིག་ཡིན་ཞིང། འཇིག་རྟེན་ལས་འདས་པ་ནི་གཙོ་བོ་དཔལ་ལྡན་ལྷ་མོ་དང༌། དྲེགས་པ་ལྕམ་སྲིང་གཉིས་ཀྱི་བསྟེན་སྲོལ་ཆགས་ཡོད།

དེས་ན་ཆོས་སྐྱོང་གསར་པ་འདི་ཞེས་པ་ནི་ཕལ་ཆེར་དོལ་རྒྱལ་མ་གཏོགས་འགྲོ་ས་མེད་པ་མཐའ་གཞན་འགོག་པའི་རིགས་པས་འགྲུབ་བོ། །

༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།
༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ནང་དོལ་རྒྱལ་གྱི་སྐོར།

Related Articles

ལམ་སྟོན།